正规彩票QQ群

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
正规彩票QQ群ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ལམ་317པའི་(བོད་ལྗོངས་ཀྱི་མངའ་ཁོངས)གྲུ་གུ་ལའི་ཕུག་ལམ་དང་དེའི་ལམ་སྣེ་མཐུད་པའི་ལས་གྲྭ་ལེགས་པར་གྲུབ་སྟེ་རླངས་འཁོར་བདེ་བླག་ངང་ཤར་གཏོང་བྱས་པ་རེད།

སྤེལ་དུས 2019-09-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་26ཉིན་གྱི་སྔ་དྲོར། ཉེ་བའི་ལོ་བཞིའི་རིང་ཀྲུང་གོའི་འགྲིམ་འགྲུལ་ཕུག་ལམ་ལས་གྲྭ་ཅུས་ཚད་ཡོད་ཀུང་སིས་ཉིན་མཚན་དབྱེར་མེད་དུ་འབད་འབུངས་བྱས་པ་བརྒྱུད་རྒྱལ་ལམ་317པའི་(བོད་ལྗོངས་ཀྱི་མངའ་ཁོངས)གྲུ་གུ་ལའི་ཕུག་ལམ་དང་དེའི་ལམ་སྣེ་མཐུད་པའི་ལས་གྲྭ་ལེགས་པར་གྲུབ་སྟེ་རླངས་འཁོར་བདེ་བླག་ངང་ཤར་གཏོང་བྱས་པ་རེད། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ལས་གཞི་འདི་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་ཤར་གཏོང་བྱས་རྗེས་ལམ་ཐག་སྤྱི་ལེ་19.6ཇེ་ཉེ་དང་ཆུ་ཚོད་1ཙམ་ཐུང་དུ་ཕྱིན་ཡོད་ལ། དེས་རི་བོ་ཆེ་རྫོང་དང་སྟེང་ཆེན་རྫོང་གི་འགྲིམ་འགྲུལ་གྱི་དཀའ་གནད་སེལ་བ་དང་། རྫོང་གཉིས་ཀྱི་མང་ཚོགས་ཁྲི་བཅུ་ལྷག་གི་འགྲུལ་བསྐྱོད་ཇེ་བདེར་ཕྱིན་པ། ལམ་རྒྱུད་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ། རྫོང་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
QQ图片20190926175408.jpg
              རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགོ་གཙོ་གཞོན་པ་ཁྲེན་ཁྲའོ་ཡིས་མཚམས་འབྱོར་གནང་བ་ལྟར་ན། རྒྱལ་ལམ་317པའི་(བོད་ལྗོངས་ཀྱི་མངའ་ཁོངས)གྲུ་གུ་ལའི་ཕུག་ལམ་དང་དེའི་ལམ་སྣེ་མཐུད་པའི་ལས་གྲྭ་ནི་རང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གཙོ་གནད་འཛུགས་སྐྲུན་ལས་གཞི་ཞིག་ཡིན་ལ། ཆབ་མདོ་གྲོང་ཁྱེར་གྱི་མཁར་རོ་ཁུལ་དང་རི་བོ་ཆེ་རྫོང་གི་འདྲེས་མཚམས་སུ་གནས་ཡོད། ལས་གྲྭ་འདི་2015ལོའི་ཟླ་5པར་ལས་འགོ་ཚུགས་པ་ཡིན་ཞིང་། ལམ་ཐིག་གཙོ་བོར་སྤྱི་ལེ་8.97ཡོད་པ་དེའི་ཁྲོད་གྲུ་གུ་ལའི་ཕུག་ལམ་ལ་སྨི་4605དང་། འདྲེན་ཕུག་ལ་སྨི་4636ཡོད། སྣེ་གཉིས་ཀྱི་མཐུད་མཚམས་ལ་སྤྱི་ལེ་4.36ཡོད། གྲུ་གུ་དགོན་གྱི་ཡན་ལག་ལམ་ཐིག་ལ་སྤྱི་ལེ་0.79ཡོད་པ་བཅས་ལམ་ཐིག་གསར་རྙིང་བསྡུར་ན་ཁྱོན་བསྡོམས་སྤྱི་ལེ་19.6གིས་ཇེ་ཉེར་ཕྱིན་ཡོད་པ་རེད། 
              ལས་གྲྭ་འདིའི་ཐོག་མའི་གཞུང་ལམ་ནི་1958ལོར་བསྐྲུན་པ་དང་། སྔོན་ཆད་གཞུང་ལམ་དེར་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་མི་འདང་བ་དང་། དྲག་ཆར་དང་ཁ་བ་ཆེན་པོ་སོགས་ཀྱི་གནམ་གཤིས་ངན་པར་འཕྲད་སྐབས་རླངས་འཁོར་རྒྱུན་པར་ཁེགས་ཤིང་འགྲིམ་འགྲུལ་དོན་རྐྱེན་ཡང་མང་པོ་བྱུང་མྱོང་བ་རེད། “ད་ལྟ་གྲུ་གུ་ལའི་ཕུག་ལམ་དང་དེའི་ལམ་སྣེ་མཐུད་པའི་ལས་གྲྭ་ལེགས་པར་གྲུབ་སྟེ་རླངས་འཁོར་བདེ་བླག་ངང་ཤར་གཏོང་བྱས་པ་དེས་རྒྱལ་ལམ་317པའི་ཁེགས་ལམ་གཏན་ནས་མེད་པར་བཟོས་ཤིང་། ‘གྲུ་གུ་ལ་རིང་བརྒལ་བ། །གདོན་འདྲེའི་སྒོ་ཁར་སླེབས་འདྲ’ཞེས་པའི་ལོ་རྒྱུས་མཇུག་སྒྲིལ་ནས་ལམ་མཚམས་འདིའི་བདེ་འཇགས་འགྲུལ་སྐྱོད་ཀྱི་ནུས་པ་ཆེ་རུ་བཏང་བ་མ་ཟད། སྔར་གྱི་ལམ་རྙིང་ལས་བར་ཐག་སྤྱི་ལེ་19.6ཇེ་ཉེར་ཕྱིན་ནས་ཆུ་ཚོད་1ཙམ་གྲོན་ཆུང་བྱས་ཡོད་ལ། དེ་དང་ཆབས་ཅིག་གྲུ་གུ་ལའི་ཕུག་ལམ་ཤར་གཏོང་བྱུང་བས་རྒྱལ་ལམ་317པའི་འགྲིམ་འགྲུལ་ཁོད་ཡངས་སུ་གྱུར། ལས་གྲྭ་དེ་བདེ་བླག་ཡོངས་འགྲུབ་བྱུང་བ་དེས་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གལ་ཆེན་ཐོན་རྒྱུ་རེད།”ཅེས་རྒྱལ་ལམ་317པའི་གྲུ་གུ་ལའི་ཕུག་ལམ་དང་དེའི་ལམ་སྣེ་མཐུད་པའི་ལས་གྲྭའི་ལས་གཞི་དོ་དམ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་དེ་ལྟར་མཚམས་སྦྱོར་གནང་བ་རེད།
              རྒྱལ་ལམ་317པའི་གྲུ་གུ་ལའི་ཕུག་ལམ་ནི་རང་ལྗོངས་ཀྱི་བར་ལའི་ཕུག་ལམ་དང་སྔས་ལའི་ཕུག་ལམ་རྗེས་ཀྱི་ས་མཐོའི་ཕུག་ལམ་གཞན་ཞིག་རེད། འཛུགས་སྐྲུན་བྱེད་རིང་དེའི་ནང་ཞུགས་མཁན་གྱི་ལས་ཁུངས་ཁག་དང་ལས་གྲྭ་འཛུགས་སྐྲུན་མཁན་རྣམས་ཀྱིས་ཕུག་ལམ་གནས་ས་བྲག་རི་ཡིན་པ་དང་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ། ལག་རྩལ་གྱི་བླང་བྱ་མཐོ་བ། ཁོར་ཡུག་སྲུང་སྐྱོབ་ཀྱི་གནོན་ཤུགས་ཆེ་བ། ཕུག་ལམ་ནས་ཆུ་བརྡོལ་བ། གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་རབ་དང་རིམ་པ་ཁྱད་དུ་བསད་ནས་“ཕུག་ལམ་གཅིག་གིས་ལྷོ་བྱང་སྦྲེལ། །གཉན་འཕྲང་དོག་མོ་ལམ་ལ་སྒྱུར”ཞེས་པའི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་པ་དེ་ནི་བོད་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་རྒྱས་དོན་ཞིག་གམ། ཤིས་དོན་ཞིག་གམ། ཡང་ན་དོན་ཆེན་ཞིག་ཀྱང་ཅི་ལ་མིན། འདིས་བོད་ལྗོངས་ཀྱི་འགྲིམ་འགྲུལ་དཀའ་གནད་སེལ་བ་དང་། ཆབ་མདོ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་རྒྱ་ཆེར་གཏོང་བ། ཡུལ་སྐོར་རིམ་སྤོར་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ། མང་ཚོགས་འགྲུལ་སྐྱོད་སྟབས་བདེ་བསྐྲུན་པ། འགྲིམ་འགྲུལ་གྱི་གནོན་ཤུགས་ཇེ་ལྷོད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ཐོན་ངེས་རེད།
高手彩票微信交流群 高手彩票微信交流群 彩票微信红包群 彩票微信群和qq群 彩票计划QQ群 微信彩票红包群 彩票微信红包群二维码大全 彩票微信讨论群 彩票微信投注群 彩票计划QQ群