正规彩票QQ群

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ས་ཆ་འདི་དག་ལ་ཕེབས་ནས་རྟོག་ཞིབ་གནང་འདུག

སྤེལ་དུས 2019-09-26 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
        ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་གཙོ་གནད་རྣམ་གྲངས་ཀྱི་འཆར་འགོད་འཛུགས་སྐྲུན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་མཚོན་ཡོད་ཞེས་ནན་བཤད་གནང་བ་རེད། 
        ནེ་པ་ལའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཐོག་བརྩེགས་ཁང་ཆེན་དུ།
        ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཁང་མིག་སོ་སོའི་བཀོད་པ་དང་བེད་སྤྱོད་བྱ་ཚུལ་རྟོག་ཞིབ་གནང་བ་མ་ཟད། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཀེ་པིན་ཏ·པཱ་ཧ་ཏུར·ཁའར་ཅི་དང་མཛའ་བརྩེའི་ངང་གླེང་མོལ་གནང་བ་རེད།

ཝུའུ་དབྱིང་ཅེས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་རྟོག་ཞིབ་གནང་བ།
        ཝུའུ་དབྱིང་ཅེས་ནེ་པ་ལས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་མི་འཇུག་པར་ཚད་མཐོའི་བསྔགས་བརྗོད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ཡག་པོ་བྱེད་པ་དང་། ནེ་པ་ལར་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་མཐའ་མཚམས་མི་སེར་གྱི་འགྲོ་འོང་དང་སྲོལ་རྒྱུན་མཛའ་གྲོགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
        བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པར། 
        ཝུའུ་དབྱིང་ཅེས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པ་དང་། དམངས་འཚོ་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམ་པ་མཐོ་བའི་གསར་གཏོད་རྣམ་པ་དང་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་འཕྲོད་སྦྱོར་གྱི་དགོས་མཁོ་སྐོང་བ་བཅས་ཀྱི་ཁར། ཇུས་འགོད་ལེགས་སུ་གཏོང་བ་དང་། ཁྱད་ཆོས་མངོན་པར་བྱེད་པ། མཐུན་སྤྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྔ་ཙམ་འཛུགས་སྐྲུན་དང་། སྔ་ཙམ་བེད་སྤྱོད། སྔ་ཙམ་ཕན་འབྲས་ཐོན་པ་བཅས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        བོད་ལྗོངས་ལག་རྩལ་སློབ་གླིང་དུ། 

ཝུའུ་དབྱིང་ཅེས་བོད་ལྗོངས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བ།
        ཝུའུ་དབྱིང་ཅེས་ལས་རིགས་སློབ་གསོའི་ཆོས་ཉིད་དང་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྱད་ཆོས་ལ་བརྩི་སྲུང་ཞུས་ཏེ་ཐམས་ཅད་བོད་ཀྱི་དོན་དངོས་ནས་འགོ་འཛུགས་པ་དང་ལག་རྩལ་སློབ་གླིང་གི་སློབ་གྲྭ་གཉེར་བའི་ཁ་ཕྱོགས་དང་ངེས་གནས་ཡང་དག་བཙལ་ནས་ཆེད་ལས་བཀོད་སྒྲིག་བྱེད་པའི་ལས་དོན་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ་དང་། སློབ་གླིང་འཛུགས་སྐྱོང་བྱེད་པའི་ལས་དོན་དེ་ཆེད་ལས་བཀོད་སྒྲིག་དང་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་ནང་སའི་གནད་སྨིན་འཐུས་ཚང་གི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ་དང་ཇུས་འགོད་བྱེད་སྟངས་སྔར་བས་ལེགས་སུ་བཏང་ནས་སློབ་གླིང་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། རྡོ་རྗེ།
彩票微信讨论群 微信彩票计划群 彩票微信投注群 彩票微信群和qq群 正规彩票微信讨论群 微信彩票群二维码大全 彩票高手微信交流群 微信彩票投注群 彩票微信群 彩票微信红包群二维码大全