正规彩票QQ群

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། 正规彩票QQ群ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། 正规彩票QQ群བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > 正规彩票QQ群གསར་འགྱུར་མེ་ལོང་།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། བོད་ལྗོངས་ཉིང་ཁྲིའི་ཉང་ཆུའི་ངོགས་སུ་རྣམ་པ་གསར་པ་མངོན་པ།

སྤེལ་དུས 2019-09-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཉིང་ཁྲི་གྲོང་ཨུ་རྩ་འཛུགས་པུའུ་བཅར་འདྲི་རྟོག་ཞིབ་ཏུ་ཕྱིན་པ།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   རྒྱལ་ལམ་318བརྒྱུད་དེ་མདུན་དུ་བསྐྱོད་པ་ན།  ཡིད་འོང་གི་དམག་དཔོན་ཐོག་ཁང་དང་ཐང་སྨད་དཔའ་བོ་བཅུའི་དྲན་གསོའི་རྡོ་རིང་སོགས་གསར་བརྗེའི་ཤུལ་བཞག་དག་ནི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་དང་གཉིས་སུ་མེད།  ལོ་རྒྱུས་ཀྱི་དྲན་ཐོ་བཀོད་པའི་ས་གནས་དག་ལ་སོང་བར།  མེས་པོ་ཚོའི་གདོང་པ་ཁྲག་གིས་བརྫིས་པའི་ཛ་དྲག་གི་གནས་ཚུལ་སོགས་མིག་ལམ་ཏུ་གསལ་ལེར་མངོན་འོངས།  གསར་བརྗེའི་ཤུལ་བཞག་རེ་རེས་སྤོ་བོ་ས་ཆའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བདེན་དཔང་བྱས་ཡོད་པར་མ་ཟད།  ད་དུང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཏང་ཨུའི་ལས་བྱེད་པ་རྣམས་ཀྱིས་དུས་ནམ་ཡང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བཅངས་ནས་དཀའ་སྤྱད་འབད་བརྩོན་གྱི་སྒོ་ནས་མདུན་དུ་བསྐྱོད་པའི་གོམ་པ་བརྟན་པོ་དེའང་མཚོན་ཐུབ།
              རྒྱལ་དར་སྐྱེལ་ནས་རི་ལ་ཕྱིན། །བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང་། །
              ཤེལ་རི་ཁ་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་དུ་ཆེས་ཐོག་མར་སྐར་ལྔའི་དར་དམར་བསྒྲེངས་པའི་ས་གནས་དེ་རེད། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་རྒྱ་མཚོ་ཡི་དྲན་སྣང་ལ།  ལོ་དེར་དམག་སྡེ་བཅོ་བརྒྱད་པའི་བརྒྱ་ཤོག་ཤེལ་རི་ཁ་གྲོང་ཚོར་སྡོད་པའི་སྐབས་དེར།  ཁོའི་སྤོ་བོ་ནི་བརྒྱ་ཤོག་གི་ལམ་ཁྲིད་པ་རེད།   བརྒྱ་ཤོག་གིས་གཡུལ་སའི་མདུན་སར་དཔུང་འཇུག་བྱེད་སྐབས།  དམག་སྡེ་བཅོ་བརྒྱད་པའི་དམག་མིས་རྒྱ་མཚོའི་སྤོ་བོ་ལ་ངག་བཅོལ་གནང་དོན།  ཁོ་ཚོ་ཤེལ་རི་ཁ་གྲོང་ཚོ་འདི་ནས་ཁ་བྲལ་ནས་ས་གང་དུ་སོང་རུང་།   ཀྲུང་གོའི་མངའ་ཁོངས་ཡིན་ཙ་ན། ངེས་པར་དུ་ལྷབ་ལྷུབ་དགུང་དུ་བསྐྱོད་པའི་སྐར་ལྔའི་དར་དམར་དགོས་ཅེས་བཤད། 
              དམག་སྡེ་བཅོ་བརྒྱད་པའི་ངག་བཅོལ་ནན་མོ་དེ་རྒྱ་མཚོའི་སྤོ་བོའི་ཡིད་ལ་དམ་པོར་བཟུང་ཡོད།  སྐབས་དེ་དུས་ཆ་རྐྱེན་ཧ་ཅང་སྐྱོ་བོ་ཡིན་པ་དང་ཅ་དངོས་དཀའ་རུང་།  རྒྱ་མཚོའི་སྤོ་བོས་ཐེངས་ཁ་ཤས་ལ་བཙལ་བ་བརྒྱུད་དེ་རས་དམར་པོ་དུམ་བུ་གཉིས་དང་རས་སེར་པོ་དུམ་བུ་ཁ་ཤས་རྙེད།  ཁོས་རང་གི་དྲན་སྣང་ཁྲོད་ཀྱི་སྐར་ལྔའི་དར་དམར་གྱི་རྣམ་པ་ལྟར་རས་དམར་དུམ་བུ་དེ་གཉིས་གཅིག་ཏུ་མཐུད་དེ་སྐུད་པས་སྐར་མ་ཟུར་ལྔའི་རྣམ་པ་འཚེམས་པ་དང་།  དེ་ལྟར་ཆེས་ཐོག་མར་ལག་པས་འཚེམས་པའི་སྐར་ལྔའི་དར་དམར་བཟོས་ཚར་སོང་།   དབྱར་གྱི་ཚ་བ་དང་དགུན་གྱི་བཙག་སེར་ཇི་འདྲ་རྒོད་རུང་།  རི་མགོར་སོང་ནས་ནོར་ལུག་འཚོ་བ་སོགས་སུ།  ལག་པས་འཚེམས་པའི་སྐར་ལྔའི་དར་དམར་འདི་གྲོང་མི་ཚང་མའི་སྲུང་སྐྱོབ་འོག་ཤེལ་རི་ཁ་གྲོང་ཚོའི་ཆེས་མཐོ་སའི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་བསྐྱོད་བཞིན་ཡོད།  སྤོ་བོ་དང་ཨ་ཕ།  རྒྱ་མཚོ་སོགས་མི་རབས་རེ་རེ་བཞིན་བརྒྱུད་དེ།  སྔ་གཞུག་ཏུ་སྐར་ལྔའི་དར་དམར་འདི་འདྲ་12འཚེམས་པ་རེད། 
ཉར་ཚགས་བྱས་པའི་ལག་འཚེམས་སྐར་ལྔའི་དར་དམར།
              ལོ་རྒྱུས་ཀྱི་ཆུ་རྒྱུན་མདུན་ནས་མདུན་དུ་བསྐྱོད།   ང་ཚོས་ཡང་བསྐྱར་ཉར་ཚགས་བྱས་པའི་སྐར་ལྔའི་དར་དམར་འདི་ལ་ལག་པས་རེག་ཚེ།   ཚགས་དམ་པའི་ཁབ་ཤུལ་དང་ཡང་ནས་བསྐྱར་དུ་འཚེམས་པའི་རྗེས་ཤུལ།  རལ་ནས་ཟད་པའི་དར་སྣེ་སོགས་ལས།  གསར་བརྗེ་རྒན་རབས་པས་ཁྲག་དང་རྔུལ་ཆུར་བརྗེས་ནས་འབད་བརྩོན་བྱས་པའི་རྣམ་པ་ད་དུང་མིག་ལམ་དུ་གསལ་ལེར་ཤར་ཡོང་། 
              ཐོན་སྐྱེད་བྱེད་ཅིང་ནོར་ལུག་འཚོ། །མཐའ་མཚམས་སྲུང་ཞིང་ཡུལ་ལ་གཅེས། །
              ཉེ་བའི་ལོ་ཤས་ཀྱི་རིང་ལ།  ཉིང་ཁྲི་གྲོང་ཁྱེར་གྱིས་ཤུགས་ཆེན་པོའི་སྒོ་ནས་“ཏང་འཛུགས་མཐའ་སྲུང”གི་ལས་གཞི་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ།  རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་དང་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་མང་ཚོགས་ཀྱིས་དུས་ནམ་ཡང་ངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ།  དྲིན་དྲན་ནས་འབད་པ་བྱེད་ཅིང་ཞུམ་པ་མེད་པར་མདུན་དུ་བསྐྱོད།  དམག་སྡོད་དང་དམངས་བདེ་མཉམ་དུ་སྤེལ་བ་དང་།  མཐའ་བརྟན་དང་མཐའ་དར་དོ་མཉམ་པར་གལ་ཆེར་འཛིན་པ།   བསམ་བློས་མཐའ་མཚམས་སྐྱོང་བ་དང་རྩ་འཛུགས་ཀྱིས་མཐའ་མཚམས་སྲ་བརྟན་དུ་གཏོང་བ།  གདོང་ལེན་མཐའ་སྐྱོང་དང་དམངས་ཕྱུག་མཐའ་དར། མཉམ་སྐྲུན་མཐའ་བརྟན། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བཅས་“མཐའ་དྲུག་བྱ་སྤྱོད།”ལག་ལེན་གཏིང་ཟབ་ཏུ་གཏོང་བཞིན་ཡོད། 
              ཉིང་ཁྲིའི་མཐའ་མཚམས་ཀྱི་ས་ཐིག་རིང་མོའི་སྟེང་དུ་མི་འདི་འདྲ་སྐོར་ཞིག་ཡོད་དེ།  ཁོ་ཚོས་དམག་ཆས་སྤྲས་མེད་རུང་།  དུས་རྒྱུན་པར་གངས་རིའི་རྩེ་དང་ནགས་ཚལ་སྟུག་པོའི་ཀློང་དུ་རྒྱུ་བ་དང་།  ཁོ་ཚོ་ནི་ཏང་ཡོན་མང་ཚོགས་དཀྱུས་མ་ཞིག་ཡིན་རུང་།  མཐའ་མཚམས་སྲུང་བའི་འགན་འཁྲི་ལྕི་མོ་ཕྲག་ལ་བླངས་ཡོད།   མཐའ་མཚམས་སྲུང་བའི་སྐོར་བསྐྱོད་སོ་སྲུང་བ་དེ་དག་གིས་རང་ཉིད་ཀྱི་གྲིབ་གཟུགས་དེ་རི་མཐོ་གཡང་གཟར་དུ་བརྐོས་ཡོད་ལ་སྔོ་ལྗང་ལྗང་གི་མུ་མེད་རྩྭ་ཐང་དུ་ལུས་ཡོད།  ད་ལོ་དགུང་ལོ་58ལ་སླེབས་པའི་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོ་“འབྲོག་ར་ཆུང་ཆུང”གསུམ་པའི་ཏང་གི་ཚོ་ཆུང་གི་ཙུའུ་ཀྲང་རྟ་ཡོད་ནི་དེའི་གྲས་ཀྱི་གཅིག་རེད།  རྟ་ཡོད་ཀྱིས་སྒོ་ཕྱུགས་འཚོ་ཞིང་མཐའ་མཚམས་སྲུང་བའི་ལམ་ཁ་འདི་ནས་འགྲོ་འོང་བྱས་ཏེ་མི་ལོ་32ཕྱིན་པ་དང་།  ཁོང་གིས་རང་ཉིད་དེ་སྔ་ཐེངས་ག་ཚོད་ཙམ་ལ་རི་ལམ་འདི་ནས་འགྱེལ་མྱོང་བ་མི་དྲན་ལ།   ཉིན་ཞག་ག་ཚོད་ཙམ་འདས་པའང་མི་ཚོར།  རང་ཉིད་ཀྱི་གྲིབ་གཟུགས་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་བའི་དོན་དུ་ལམ་བར་དང་རི་ངོས་སུ་སྐྱོད་ཅིང་། དཀའ་ཚེགས་ཅི་འདྲ་ཆེ་རུང་ཁོང་གི་མགོ་བོ་གཏན་ནས་སྒུར་མ་མྱོང་ལ།  རི་རྩེའི་ཆེས་མཐོ་སར་སླེབས་ཐེངས་རེར་ཁོང་གིས་རྟག་པར་གྲམ་རྡོ་ཡིས་“ཀྲུང་གོ”ཞེས་པའི་ཡིག་འབྲུ་གསལ་བོ་བརྐོ་བར་བྱེད། 
              རྟ་ཡོད་ཀྱི་ཉིན་ནས་ཉིན་དང་ཟླ་ནས་ལོ་མཐུད་དེ་མཐའ་མཚམས་སྐོར་བསྐྱོད་དང་མཐའ་སྲུང་བྱེད་པའི་སྐུལ་སློང་འོག  ཁྱུང་གླིང་གྲོང་ཚོའི་གྲོང་མི་ཁག་གཅིག་ཀྱང་རང་འགུལ་ངང་མཐའ་མཚམས་སྲུང་བའི་གྲས་སུ་ཞུགས་པ་རེད།  2018ལོར་འཕྱོངས་གླིང་གྲོང་ཚོ་མཐའ་མཚམས་“འབྲོག་ར་ཆུང་ཆུང”གི་ཏང་གི་ཚོ་ཆུང་4བཙུགས་པ་དང་།   ད་ལྟ་ཐོན་སྐྱེད་དང་སྒོ་ཕྱུགས་འཚོ་བཞིན་མཐའ་མཚམས་བསྐོར་སྐྱོད་བྱེད་པའི་ཁྲོད་དུ།  སྐོར་བསྐྱོད་རུ་ཁག་དེ་མི་31ལ་འཕར་ཡོད།  གྲོང་མི་རྣམས་ཀྱི་སེམས་ནང་དུ་ནགས་ཚལ་དང་འབྲོག་ར་སྲུང་བ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པར་འདོད་ལ།   མཐའ་མཚམས་ས་ཁུལ་དུ་གནས་པའི་“འབྲོག་ར་ཆུང་ཆུང”དེའང་འབྲོག་པའི་ཏང་ཡོན་སྦྱོང་བརྡར་བྱེད་སའི་“འཐབ་ར་གཙོ་བོ”ལྟ་བུ་ཞིག་ཏུ་གྱུར་ཡོད། 
འབྲོག་པའི་ཏང་ཡོན་སྐོར་བསྐྱོད་པའི་རུ་ཁག་མཐའ་མཚམས་སྐོར་བསྐྱོད་ཀྱི་ལམ་དུ་རྒྱུ་བཞིན་པ།
              ཏང་འཛུགས་སྣེ་ཁྲིད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།  གསར་བརྗེའི་གཏམ་རྒྱུད་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་པ།
              གངས་ཁྲོད་ལམ་ཐིག་སྟེང་གི་མཐའ་སྲུང་སྐོར་བསྐྱོད་ནི་ཡིད་སྨོན་སྐྱེས་འོས་པ་ཞིག་ཡིན་པ་དང་།  ཞིང་ཁའི་ཕྱུག་འགྱུར་དང་ཡོང་སྒོ་འཕར་བའང་དེ་ལས་ཀྱང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་རེད།   དམངས་ཕན་གྱི་སྲིད་ཇུས་སྣ་ཚོགས་ལ་བརྟེན་ནས། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད་དེ།  ཤང་ཚང་མར་ཐོན་ལས་ཡོད་པ་དང་།  གྲོང་ཚོ་རེ་རེར་དངོས་ཚན་ཡོད་པ།  ཁྱིམ་ཚང་རེ་རེར་ཡོང་འབབ་ཇེ་མཐོར་གཏོང་བའི་ཐབས་ལམ་ཡོད་པ་བཅས་ཀྱི་རྣམ་པ་ཞིག་གྲུབ་ཡོད། སྤོ་མེས་རྫོང་ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོས་མཐུན་སྒྲིལ་སྒོས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་བ་དང་།  རང་གི་ཁྱད་ཆོས་མངོན་པར་གསལ་བའི་ཏང་འཛུགས་སྣེ་ཁྲིད་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་ལ་བསྐྱོད་པ་རེད།  “རྒྱལ་ཡོངས་གྲོང་གཅིག་རྟགས་གཅིག་དཔེ་སྟོན་གྲོང་ཚོ”ལ་ངོས་འཛིན་བྱེད་པའི་གཅོད་པ་གྲོང་ཚོས་སྐྱེ་ལྡན་འབྲི་ཏ་ས་འཛིན་གྱི་འདེབས་འཛུགས་ལ་བརྟེན་ནས།   མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་34261ཟིན་ཡོད་པ་རེད།  
སྔོ་ཚལ་དྲོད་ཁང་འདེབས་འཛུགས་རྣམ་གྲངས།
              སྤོ་བོ་རྫོང་རྡོ་རྗེ་ཤང་གི་རིག་གནས་ཀྱི་རྫོང་སྟུག་པ་དང་།   དེ་རུ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་7ཐོན་ཡོད།  རྡོ་རྗེ་ཤང་ གིས་བྲོ་གཞས་དབྱངས།  གཞས་མ་གཏམ་སོགས་ཀྱི་རྣམ་པ་བརྒྱུད་དེ་གསར་བརྗེའི་གཏམ་རྒྱུད་དྲིལ་སྒྲོག་དང་ཁྱབ་སྤེལ་བྱས་པས།   གསར་བརྗེའི་གཏམ་རྒྱུད་སྔར་ལས་ལྷག་པར་མི་རྣམས་ཀྱི་སེམས་གཏིང་དུ་ཟུག་ཡོད།  ཡིད་འོང་ཤང་བརྒྱད་གཅིག་དམར་དམག་སློབ་ཆུང་གིས་སློབ་སྒྲུབ་ཀྱི་བརྒྱུད་རིམ་ཁྲོད་དུ།  ཧུར་བརྩོན་སྒོས་སློབ་མ་རྣམས་རྩ་འཛུགས་བྱས་ཏེ་གསར་བརྗེའི་རིག་གནས་སློབ་སྦྱོང་བྱེད་པ་དང་།   སྔོན་རབས་པའི་གཟི་བརྗིད་ལྡན་པའི་མཛད་རྗེས་ལ་སློབ་སྦྱོང་བྱས་ཏེ། གསར་བརྗེའི་རིག་གནས་རྒྱུད་འཛིན་བྱེད་བཞིན་ཡོད། 
ཡིད་འོང་གི་དམག་དཔོན་ཐོག་ཁང་།
              བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ནས།  རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཡིད་ལ་བརྟན་པོར་བཟུང་ནས་རྩ་བ་མི་བརྗེད་པར་སློབ་སྟོན་གང་ལེགས་གནང་བ་དང་།   ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དཔའ་ངར་ཆེར་བསྐྱེད་ངང་འབད་བརྩོན་བྱས་ཏེ།   དངོས་པ་དོན་གྱི་སྒོ་ནས་“གསར་བརྗེའི་གཏམ་རྒྱུད་མི་ཚང་མས་བཤད་པ་དང་།  གསར་བརྗེའི་གཏམ་རྒྱུད་མི་རབས་ནས་མི་རབས་བར་བརྒྱུད་པ།”བསྒྲུབ་ཐུབ་པར་སྐུལ་སློང་བྱས།
彩票计划微信群 彩票微信投注群 正规彩票微信群 彩票微信群和qq群 微信彩票计划群 北京赛车微信红包群 彩票计划微信群 微信彩票讨论群 pk10高手微信交流群 北京赛车微信红包群